7ASecurity ཡིས་ཉེ་ཆར་ Psiphon གྱི་ཚབ་ཨང་ལ་བདེ་འཇགས་ཞིབ་བཤེར་བྱས་པའི་ནང་ “གལ་ཆེའི་བདེ་འཇགས་སྐྱོན་ཆ་མེད་པ་” རྙེད་སོན་བྱུང་བ།

2021-11-02 - 1 སྐར་མའི་ཀློག་ཡུན།

དྭངས་གསལ་རང་བཞིན་དང་བདེ་འཇགས་ཀྱི་ཚད་གཞི་མཐོ་ཤོས་སྒྲུབ་པའི་ང་ཚོའི་རྒྱུན་མཐུད་ཀྱི་དམ་བཅའི་ཆ་ཤས་ཤིག་གི་ཚུལ་དུ། Psiphon གིས་ Psiphon ཡི་ལེགས་བཅོས་གསར་པ་བཞི་དང་འབྲེལ་བའི་ཁྲིད་རིམ་རྨང་གཞིར་བདེ་འཇགས་བསྐྱར་ཞིབ་ཅིག་བྱེད་པར་ 7ASecurity ལ་བཅོལ་གཏད་བྱས་པ་ཡིན། དེའི་མཇུག་འབྲས་སྙན་ཐོ་དེ་ཡོངས་བསྒྲགས་ཡིན་ཞིང་། དེ་ནི་ https://7asecurity.com/reports/pentest-report_psiphon-e.pdf ནས་རྙེད་ཐུབ། 

འབྱུང་ཁུངས་ཀྱི་ཁྲིད་རིམ་ཆ་ཚང་ཡོད་པའི་དོན་སྟོན་པའི་ “white box” ཐབས་ལམ་བེད་སྤྱོད་བྱས་ཏེ། བདེ་འཇགས་ཚོགས་ཆུང་གིས་ Psiphon གྱིས་བདེ་འཇགས་ལྡན་པའི་ཁྲིད་རིམ་འབྲི་བའི་ལག་ལེན་ལེགས་ཤོས་ཁག་ལ་བརྩི་སྲུང་ཇི་ལྟར་བྱེད་མིན་གཏན་འབེབས་བྱེད་པ་དང་། ཁོང་ཚོའི་རྙེད་དོན་གཞིར་བཟུང་ནས་འོས་འཚམ་ཡིན་པའི་སྐབས་སུ་སྲུང་སྐྱོབ་ཀྱི་གྲོས་འགོ་འདོན་རྒྱུའི་འགོ་བཙུགས་ཡོད། བདེ་འཇགས་ཚོགས་ཆུང་གིས་ Psiphon གྱི་འབྱུང་ཁུངས་ཁྲིད་རིམ་ཡོངས་རྫོགས་དང་ཕྱོགས་གསུམ་པའི་དཔེ་མཛོད་ཁག་ལ་ལག་ཆ་དང་ཐབས་ལམ་སྣ་ཚོགས་བེད་སྤྱོད་བྱས། དྲ་རྒྱའི་རྒྱུན་འགྲུལ་ལའང་དབྱེ་ཞིབ་བྱས་ཏེ་སྲིད་པའི་རྒོལ་རྡུང་གི་ཐབས་ལམ་དང་། མཛུབ་རྗེས་བཟོ་བ། དེ་བཞིན་རྒོལ་རྡུང་འོག་ Psiphon ཡི་བྱེད་སྟངས་བཅས་ངོས་འཛིན་བྱས་ཡོད། 

ཚོགས་ཆུང་དེའི་མཇུག་བསྡོམས་ནི། 

“Psiphon སྟེགས་བུ་འདི་ རྒོལ་རྡུང་གི་ཐབས་ལམ་རྒྱ་ཁྱབ་ཅན་ལ་གདོང་ལེན་ཐུབ་པ་ཤེས་རྟོགས་བྱུང་ཞིང་ སྤྱིའི་ཆ་ནས་བརྟན་པོའི་བཟོ་ལྟ་ཞིག་སྤྲད་ཡོད། 

འདིས་ཐབས་ལམ་འདིའི་རྒྱབ་ཀྱི་ཚོགས་ཆུང་ལ་བསྔགས་བརྗོད་བཟང་པོ་མཚོན་གྱི་ཡོད། 7ASecurity ཡིས་ཚབས་ཆེན་མ་ཡིན་པའི་བདེ་འཇགས་ཀྱི་ཉེན་ཁ་ ༡ ལས་རྙེད་མེད། དེར་བརྟེན། ལས་འགན་འདིའི་རིང་གལ་གནད་ཆེ་བའི་བདེ་འཇགས་ཀྱི་སྐྱོན་ཆ་གང་ཡང་ངོས་འཛིན་ བྱེད་མ་ཐུབ། ལྷག་མའི་རྙེད་དོན་ ༤ དེ་སྣ་ཚོགས་པའི་ཞན་ཆར་དབྱེ་བ་ཕྱེ་ཡོད་པས། དེ་བས་ཉེན་ཁའི་ཁོངས་སུ་བརྩིས་མེད།”

Psiphon གྱི་ཁྲིད་རིམ་རྨང་གཞི་ནི་ཁུངས་ཁ་ཕྱེ་བ་ཡིན་ཞིང་། GitHub ཐོག་ལྟ་ཀློག་བྱེད་ཐུབ། སྔོན་མའི་ Psiphon གྱི་ཁྲིད་རིམ་བདེ་འཇགས་རྩིས་བཤེར་ཁག་ང་ཚོའི་ དྲ་ཚིགས་ དང་ Psiphon གྱི་ ཟིན་བྲིས་ ཐོག་ནས་རྙེད་ཐུབ། 

ང་ཚོས་ 7ASecurity ཚོགས་ཆུང་གི་འབད་བརྩོན་ལ་ཐུགས་རྗེ་ཆེ་ཞུ་བ་དང་། Psiphon གྱི་མཉེན་ཆས་བཟོ་སྐྲུན་པ་དང་འབྱུང་ཁུངས་ཁྲིད་རིམ་ལ་མུ་མཐུད་ནས་དེ་ལྟར་གདེང་འཇོག་ཆེན་པོ་ཐོབ་པར་དགའ་པོ་བྱུང་།

བཟོ་སྐྲུན་རིག་པ།Psiphon VPN

རྗེས་མར་ཀློག་རྒྱུ།