ཏུར་ཀིའི་ནང་སྤྱི་ཚོགས་བརྒྱུད་ལམ་དང་དྲ་རྒྱའི་བཀག་སྡོམ།
2016-11-21 - 1 སྐར་མའི་ཀློག་ཡུན།
གསར་བཅོས་བྱས་པ།: 2021-10-26
ཟླ་ ༡༡ པའི་ཚེས་ 4th ཉིན་གྱི་སྔ་དྲོ་མི་མང་དམངས་གཙོ་ཚོགས་པ་ (HDP) ནས་ ཀུར་དིར་རྒྱབ་སྐྱོར་བྱེད་མཁན་གྱི་ཁྲིམས་བཟོ་བ་ ༡༢
འཛིན་བཟུང་བྱས་པའི་རྗེས་སུ། Facebook དང་ Twitter, Instagram, YouTube, WhatsApp, Skype བཅས་ ཏུར་ཀིའི་ནང་དུ་བཀག་སྡོམ་བྱས། Turk
Telekom དྲ་རྒྱའི་ཞབས་ཞུ་མཁོ་སྤྲོད་པས་དྲ་རྒྱར་འཇུག་སྤྱོད་ཡོངས་སུ་བཀག་པའམ་ཡང་ན་འབྲེལ་མཐུད་བྱེད་ཐབས་བྲལ་བའི་བར་དུ་
འབྲེལ་ལམ་མགྱོགས་ཚད་དལ་དུ་བཏང་བའི་གནས་ཚུལ་ཐོན་ཡོད།
བཀག་སྡོམ་དེའི་སྐོར་ལ་གཞུང་ཕྱོགས་ཀྱི་ཐག་གཅོད་མེད་པ་དང་། BTK ཡིས་
ཏུར་ཀི་ཡོངས་ལ་འཕྲུལ་ཆས་ཀྱི་དཀའ་ངལ་ཞིག་བྱུང་ཡོད་པའི་འགྲེལ་བཤད་བྱས་མིན་ལ་མ་ལྟོས་པར། སྲིད་བློན་
Binali Yildirim གྱིས་ཉིན་དེའི་ཕྱི་དྲོར་ གསལ་བསྒྲགས་ཤིག་
སྤེལ་ནས་ “བདེ་འཇགས་ཀྱི་རྒྱུ་མཚན་ལ་བརྟེན་ནས་སྐབས་རེ་འདི་འདྲའི་ཐབས་ཇུས་
བླང་ཆོག འདི་དག་ནི་གནས་སྐབས་ཀྱི་ཐབས་ཇུས་ཡིན། ཉེན་ཁ་མེད་པར་བཟོས་རྗེས་ཚང་མ་སྔར་རྒྱུན་ལྟར་
འགྱུར་གྱི་རེད།” ཅེས་གསུངས།
རྒྱལ་ཁབ་ཀྱི་ས་ཁུལ་ཕལ་ཆེ་བར་ཕྱི་ཉིན་གྱི་དགོང་མོར་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་དང་དྲ་རྒྱའི་བཀག་སྡོམ་མཇུག་བསྒྲིལ།
འོན་ཀྱང་ས་ཁུལ་ཁ་ཤས་སུ་གཟའ་མཇུག་རིང་དུས་ཐུང་གི་འབྲེལ་མཐུད་དཀའ་ངལ་ཁ་ཤས་སྔར་བཞིན་ཡོད་པ་དང་།
Turk Telekom གྱི་སྤྱོད་མཁན་ཁ་ཤས་ལ་དུས་ཡུན་རིང་ཙམ་དྲ་རྒྱ་མེད་པའི་
གནས་ཚུལ་ཐོན་ཡོད།
ཉིན་དེར་ས་གནས་ཀྱི་གསར་འགྱུར་བརྒྱུད་ལམ་དུ་མས་ཏུར་ཀིའི་
བརྡ་འཕྲིན་དང་འཕྲིན་གཏོང་འཕྲུལ་རིག་དབང་འཛིན་ལྷན་ཁང་ (BTK) གིས་རྒྱལ་ཁབ་ནང་གི་དྲ་རྒྱའི་ཞབས་ཞུ་མཁོ་སྤྲོད་པ་རྣམས་ལ། དྲ་རྒྱའི་ཞིབ་བཤེར་གཡོལ་ཐབས་ཀྱི་
ལག་ཆ་རྣམས་བཀག་སྡོམ་བྱེད་དགོས་པའི་བཀའ་བཏང་ཡོད་པའི་གནས་ཚུལ་སྤེལ། དེའི་ནང་དུ་ Psiphon ཡང་ཚུད་ཡོད། དཀྲོག་གཏམ་དེ་ཡོད་ནའང་ Psiphon ཡིས་རང་གི་
ཞབས་ཞུར་གནོད་སྐྱོན་ཐེབས་པའི་རྟགས་མཚན་གང་ཡང་མཐོང་མེད།
BTK ཡིས་གཡོལ་ཐབས་ལག་ཆ་རྣམས་བཀག་སྡོམ་བྱེད་དགོས་པའི་བཀའ་བཏང་བ་དེ་ཁས་མ་བླངས། འོན་ཀྱང་
སྐྱེལ་འདྲེན་དང་མཚོ་འགྲུལ། འཕྲིན་གཏོང་བློན་ཆེན་ Ahment Arslan གྱིས་ “ང་ཚོས་
དྲག་སྤྱོད་རིང་ལུགས་ཀྱི་རྒྱུ་མཚན་ལ་བརྟེན་ནས་མ་གཏོགས་ VPNs བཀོལ་སྤྱོད་ལ་བཀག་སྡོམ་བྱེད་ཀྱི་མེད། འདིའི་ཐད་ལ་སུས་ཀྱང་
ངོ་རྒོལ་བྱེད་མི་སྲིད་པ་གདོན་མི་ཟ།”
