འབར་མའི་ནང་གི་བཀག་སྡོམ།: དཀའ་ངལ་རྙིང་པ་དང་བཅས་པའི་གཏམ་རྒྱུད་གསར་པ་ཞིག
2021-07-26 - 1 སྐར་མའི་ཀློག་ཡུན།
གསར་བཅོས་བྱས་པ།: 2021-09-26
མི་ཡན་མར་ནང་སྤྱོད་མཁན་ས་ཡ་ ༥ ལ་རྒྱབ་སྐྱོར་བྱེད་པ་ནི་ལས་སླ་པོ་ཞིག་མ་རེད།
དྲ་རྒྱ་ཁ་བཅད་པའམ་ནག་རུབ་ཏུ་གྱུར་ཚེ། འཛམ་གླིང་གཞན་དང་འབྲེལ་མཐུད་བྱེད་པའང་དེ་བཞིན་དུ་འགྱུར། སྲིད་གཞུང་མང་པོས་མི་མང་གི་གོ་རྟོགས་དང་། མི་སེར་གྱི་ངོ་རྒོལ། སྐུལ་སློང་བཅས་ལ་དྲག་གནོན་བྱེད་པའི་ཐབས་ལམ་དུ་དྲ་རྒྱའི་དམ་བསྒྲགས་བེད་སྤྱོད་བྱེད་ཀྱི་ཡོད་པ་ང་ཚོས་ཤེས་ཀྱི་ཡོད། དེ་བཞིན་དྲ་རྒྱ་སྒོ་རྒྱག་པའི་དོན་རྐྱེན་ནི་དུས་རྒྱུན་བྱ་ངན་འབྱུང་བའི་བརྡ་རྟགས་ཤིག་ཡིན། འདིས་གནས་ཚུལ་ངན་པ་གཞན་དག་ཀྱང་ཡོང་ལ་ཉེ་བར་མཚོན། མི་ཡན་མར་ནང་དྲ་ལམ་འབྲེལ་མཐུད་ཆད་སྐབས། འབར་མའི་མི་མང་ས་ཡ་མང་པོའི་ངོས་ནས་འཇིག་རྟེན་ཡོངས་རྫོགས་འགྱུར་ལྡོག་སོང་...
“ཧོན་འཐོར་ཞིང་ཡིད་ཆེས་དཀའ་བ” ཞེས་པ་ནི་འབར་མའི་གཞོན་ནུ་ཞིག་གིས་ཟླ་བ་གཉིས་པའི་ནང་དམག་དཔུང་གིས་སྲིད་དབང་འཕྲོག་རྗེས་ཀྱི་གནས་སྟངས་ལ་འགྲེལ་བརྗོད་བྱས་པ་ཞིག་རེད། “ངས་ཁ་ཕྱོགས་བརླགས་སོང་” ཞེས་དང་། ད་དུང་ “ངའི་ལས་ཀའང་བརླགས་སོང་” ཞེས། དཀའ་ངལ་དང་གནས་བབས་འདི་འདྲ་མྱོང་མཁན་ཁོང་གཅིག་པུ་མ་རེད། ཉིན་ཤས་ཀྱི་ནང་ཚུན་དུ་འབར་མའི་མི་གྲངས་ས་ཡ་ ༢ ཙམ་ Psiphon དྲ་རྒྱའི་ནང་མཉམ་དུ་འདུས་ཤིང་། དེ་རྗེས་ཀྱི་ཟླ་བ་ཁ་ཤས་ནང་གྲངས་འབོར་དེ་ས་ཡ་ ༥ བར་འཕར་འདུག
འོག་གི་དཔེ་རིས་འདིས་ ༢༠༢༡ ལོའི་ཟླ་ ༡ པའི་མཇུག་ནས་ ༢༠༢༡ ལོའི་ཟླ་ ༧ པའི་མཇུག་བར་གྱི་ Psiphon སྤྱོད་མཁན་གྱི་གྲངས་འབོར་སྟོན་གྱི་ཡོད། ཟླ་ ༢ ཚེས་ ༣ (སྲིད་དབང་འཕྲོག་པ་དང་དུས་མཚུངས་སུ) དང་ཟླ་ ༥ ཚེས་ ༢ (ལག་ཐོགས་ཁ་པར་གྱི་ཞབས་ཞུ་བསྐྱར་དུ་འགོ་བཙུགས་པ་དང་དུས་མཚུངས་སུ) ཉིན་སྤྱོད་མཁན་གྱི་གྲངས་འབོར་ཧེ་བག་ཆེན་པོས་འཕར་ཡོད་པར་དོ་སྣང་གནང་རོགས།

རྒྱལ་སྤྱིའི་དྲ་རྒྱར་འཇུག་ཐུབ་པའི་མཐུད་ལམ་སླར་གསོ་བྱེད་པའི་རིན་དོད།
སྤྱོད་མཁན་གྱི་གྲངས་འབོར་འདི་འདྲའི་ཆེན་པོ་འཕར་བར་བཟོད་ཐུབ་པའི་ཞབས་ཞུ་ཆས་ཀྱི་དྲ་རྒྱ་ཞིག་ལ། མི་རྣམས་ཀྱིས་རྒྱལ་སྤྱིའི་དྲ་རྒྱར་འཇུག་དགོས་པའི་སྐབས་སུ་བརྟན་ལྷིང་ལྡན་པའི་རྨང་གཞིའི་མཐུན་རྐྱེན་དང་ཉར་ཚགས་བྱས་པའི་ནུས་པ་མང་པོ་དགོས། འོན་ཀྱང་དྲ་རྒྱར་དམ་བསྒྲགས་བྱེད་མཁན་གྱིས་དྲ་རྒྱ་བཀག་སྡོམ་བྱེད་སྐབས་འདི་དག་ཇི་ལྟར་ལས་ཀ་བྱེད་དམ།
དྲ་རྒྱ་ནི་གཞུང་ལམ་དང་། དྲ་རྒྱ་བེད་སྤྱོད་གཏོང་མཁན་ནི་ལམ་ཁ་དེ་དག་གི་ཐོག་རླངས་འཁོར་གཏོང་མཁན་ལྟར་སྒོམ་ཞིག ལམ་ཁ་ཁ་ཤས་གྲོང་ཁྱེར་ཞིག་གི་ནང་ཁུལ་གྱི་ལམ་ཡིན་པ་དང་། གཞན་དག་གིས་ཁྱེད་རང་རྒྱལ་ཁབ་ཀྱི་ས་ཁུལ་གཞན་དང་འབྲེལ་མཐུད་བྱེད་ཐུབ། དྲ་རྒྱའི་དམ་བསྒྲགས་ནི་རྒྱལ་ཡོངས་སམ་ས་གནས་ཀྱི་གཞུང་ལམ་སྟེང་འགྲོ་འོང་བྱེད་དུ་མི་འཇུག་པ་དང་འདྲ། དེ་ནི་མྱུར་ཚད་དལ་དུ་གཏོང་བ་ནས་བཟུང་གྲོང་ཁྱེར་ནས་ཕྱིར་ཇི་ལྟར་འགྲོ་དགོས་པའི་ལམ་རྟགས་རྣམས་བསུབ་པའི་བར་ཐབས་ལམ་སྣ་ཚོགས་ཀྱི་ཐོག་ནས་བྱེད་ཆོག
དེ་ནི་ Psiphon ལྟ་བུའི་དམ་བསྒྲགས་འགོག་བྱེད་ཀྱི་ལག་ཆ་རྣམས་ཀྱིས་ནུས་པ་ཐོན་ཞིང་ལམ་ཁ་རྣམས་སྒོ་ཕྱེ་བའི་དུས་སྐབས་རེད། Psiphon གྱིས་མི་རྣམས་རྒྱལ་སྤྱིའི་དྲ་རྒྱར་འབྲེལ་མཐུད་བྱེད་ཆེད་ཐབས་ཇུས་འདྲ་མིན་བེད་སྤྱོད་བྱེད་ཀྱི་ཡོད།
Psiphon དྲ་རྒྱས་མི་རྣམས་འབྲེལ་མཐུད་བྱེད་པ་དང་དམ་བསྒྲགས་བྱས་པའི་ནང་དོན་མཁོ་འདོན་བྱེད་པའི་གྲོས་མཐུན་མི་འདྲ་བ་དགུ་བེད་སྤྱོད་གཏོང་གི་ཡོད། གྲོས་མཐུན་འདི་དག་ Psiphon དྲ་རྒྱའི་ནང་དངོས་སུ་འཁོར་སྐྱོད་བྱེད་སྐབས། མི་རྣམས་ཀྱིས་རྒྱལ་སྤྱིའི་དྲ་རྒྱར་འཇུག་སྐབས་དྲ་རྒྱའི་ཁུར་པོ་བགོ་འགྲེམས་བྱེད་པ་དང་འཚང་ཁ་ཇེ་ཉུང་དུ་གཏོང་བར་ཕན་ཐོགས་ཡོད་ཅིང་། དེས་འབྲེལ་མཐུད་མགྱོགས་སུ་གཏོང་བ་དང་བློ་གཏད་ཆོག་པའི་ཉམས་མྱོང་སྤྲོད་ཐུབ་པ་མཚོན།
ཆེད་བཟོས་དྲ་རྒྱའི་རང་དབང་གི་གྲོས་མཐུན་འདི་དག་གིས་ Psiphon ལྟ་བུའི་ཞབས་ཞུར་སྤྲད་པའི་སྟབས་བསྟུན་གྱི་རང་བཞིན་གྱིས། དྲ་རྒྱའི་མཐུད་ལམ་ལ་ཚད་བཀག་ཡོད་སྐབས་མི་ཡན་མར་དང་བྷེ་ལ་རུ་སི། ཨ་ཛར་བྷཡེ་ཇཱན་བཅས་ཀྱི་མི་མང་གི་རེ་འབོད་ལ་ལན་འདེབས་ཐུབ་པ་བཟོ་བཞིན་ཡོད། འོན་ཀྱང་དེ་ལ་དངོས་ཡོད་ཀྱི་རིན་དོད་ཡོད། Psiphon དྲ་རྒྱའི་བརྒྱུད་ནས་འགྲོ་བའི་བཱཡིཊ་རེ་རེ་ནི་ཚོང་ལས་དྲ་རྒྱ་རིམ་པ་མང་པོ་བརྒྱུད་ཀྱི་ཡོད་ལ། དེ་དག་རེ་རེས་ཞབས་ཞུ་ཆས་དང་དྲ་རྒྱའི་རྨང་གཞིའི་མཐུན་རྐྱེན་གྱི་རིན་གོང་སོ་སོར་ལེན་གྱི་ཡོད།
དགོས་མཁོ་དང་རིན་དོད་དོ་མཉམ་ཡོང་ཐབས།
དགོས་མཁོ་བྱུང་ཚེ་དྲ་རྒྱ་དེས་སྤྱོད་མཁན་ས་ཡ་མང་པོར་རྒྱབ་སྐྱོར་བྱེད་པར་གྲ་སྒྲིག་ཡོད་པ་བཟོ་རྒྱུ་ནི། འཛམ་གླིང་ཡོངས་སུ་དྲ་རྒྱའི་དམ་བསྒྲགས་ལ་རྒོལ་བའི་དྲ་རྒྱའི་རང་དབང་སྡེ་ཁག་གི་ངོས་ནས་དཀའ་ངལ་ཆེ་ཤོས་ཤིག་ཏུ་གནས་ཡོད།
རིན་མེད་དུ་སྤྱོད་ཆོག་པའི་ཞབས་ཞུ་མཁོ་འདོན་པ་གཞན་གང་འདྲ་ཞིག་ཡིན་རུང་འབྱུང་སྲིད་པ་ལྟར། Psiphon གྱིས་མི་ཡན་མར་ནང་མཐོང་བའི་མི་འབོར་གྱི་ཚད་གཞི་ལྡན་པའི་འཕར་འབོར་དེ་དག་དུས་ཚོད་ངེས་མེད་དུ་རྒྱུན་སྐྱོང་བྱེད་མི་ཐུབ་ལ། དུས་མཚུངས་སུ་འབྱུང་བཞིན་པའི་འཕར་འབོར་འདི་འདྲ་མང་པོར་རྒྱབ་སྐྱོར་ཡང་བྱེད་མི་ཐུབ། འདི་ནི་དངོས་གནས་བློ་ཕམ་དགོས་པ་ཞིག་ཡིན་ཏེ། མི་མང་པོར་ཆེས་དགོས་མཁོ་ཆེ་བའི་སྐབས་དེར་ཁོ་ཚོས་སྒོ་འབྱེད་དྲ་རྒྱར་འཇུག་པའི་རེ་བ་མཐའ་མ་དེ་བརླག་སྲིད་པས་རེད།
མཐར་གཏུགས་ན་དྲ་རྒྱའི་རང་དབང་ནི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཞིག་ཡིན་ནའང་། དེ་ནི་རིན་མེད་ཅིག་གཏན་ནས་མ་རེད།
མཉམ་ཞུགས་གནང་རོགས།
དྲ་རྒྱའི་རང་དབང་ནི་ཚང་མའི་ཐོབ་ཐང་ཞིག་ཡིན་མོད། འོན་ཀྱང་ང་ཚོའི་ཁྲོད་ནས་ཉུང་ཤས་ཤིག་ལ་མ་གཏོགས་དམ་བསྒྲགས་བྱེད་བཞིན་པའི་ས་ཁུལ་གྱི་མི་རྣམས་སྒོ་འབྱེད་དྲ་རྒྱར་འཇུག་ཐུབ་པར་རྒྱབ་སྐྱོར་བྱེད་པའི་མཐུན་རྐྱེན་མེད། ཁྱེད་རང་དེའི་ནང་གི་གཅིག་གནང་རོགས།
ཁྱེད་ཀྱིས་ཅི་ཞིག་བྱེད་ཐུབ་བམ། མི་ཡན་མར་ནང་གི་དྲ་རྒྱའི་གནས་སྟངས་སྐོར་གླེང་སློང་བྱས་ཏེ་གོ་རྟོགས་སྤེལ་བ་དང་། ཁྱེད་ཀྱི་གྲོགས་པོ་དང་གནས་ཚུལ་རང་དབང་ལ་དོ་སྣང་བྱེད་མཁན་ཚོ་དང་ལྷན་དུ་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཐོག་དེའི་སྐོར་གླེང་མོལ་བྱེད་པར་སྐུལ་མ་གཏོང་རོགས། ཁྱེད་ཀྱིས་དཀའ་ངལ་ཡོད་པའི་མི་རྣམས་ལ་རོགས་རམ་བྱེད་མཁན་ Psiphon ལྟ་བུའི་ལག་ཆ་རྣམས་ལ་ཐད་ཀར་རྒྱབ་སྐྱོར་ཡང་བྱེད་ཆོག གལ་ཏེ་ཁྱེད་རང་མི་ཡན་མར་ནང་མེད་ན་ Psiphon ལ་མངགས་ཉོ་བྱེད་རོགས། དྲ་རྒྱའི་ཐོག་ནས་གནས་ཚུལ་ལེན་པའི་ཐོབ་ཐང་བཀག་སྡོམ་བྱས་པའི་མི་ཚང་མར་རྒྱབ་སྐྱོར་བྱེད་པ་ནི་ཁོང་ཚོའི་ངོས་ནས་དོན་སྙིང་ཆེན་པོ་ལྡན་པ་ཞིག་ཡིན་ལ། དམ་བསྒྲགས་ཀྱི་མུན་པའི་ནང་འོད་སྣང་འདྲེན་པར་འབད་བརྩོན་མཐའ་གཅིག་ཏུ་བྱེད་མཁན་ཚོའི་ངོས་ནས་ཀྱང་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་ཞིག་ཡིན།