Wickr བདེ་འཇགས་སྒོ་འབྱེད་འཇུག་སྤྱོད།

2018-09-07 - 1 སྐར་མའི་ཀློག་ཡུན།

གསར་བཅོས་བྱས་པ།: 2021-10-26

Psiphon གྱིས་དགའ་སྤྲོ་ཆེན་པོའི་སྒོ་ནས་མཉམ་ལས་གསར་པ་ཞིག་གསལ་བསྒྲགས་བྱེད་ཀྱི་ཡོད། འདས་པའི་ཟླ་ཤས་རིང་ང་ཚོས་ Wickr དང་མཉམ་དུ་ཁོང་ཚོའི་བདེ་འཇགས་ལྡན་པའི་འཕྲིན་གཏོང་སྟེགས་བུའི་ཆེད་དུ་ཁྱད་ཆོས་གསར་པ་ཞིག་བཟོ་སྐྲུན་བྱེད་བཞིན་ཡོད། དེ་ནི།

Wickr: Secure Open Access.

ཁྱད་ཆོས་འདིའི་ཐོག་ནས་ Wickr དང་ Psiphon གྱིས་འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་ཚོགས་པ་དང་ཁེ་ལས་ཁག་སྟེ། ཨ་རིའམ་ཡོ་རོབ། ཨེ་ཤི་ཡའམ་ལ་ཏིན་ཨ་མི་རི་ཀ་གང་དུ་ཡོད་ཀྱང་། ཞབས་ཞུར་བར་ཆད་མེད་པར་མཐའ་ནས་མཐའ་བར་གསང་སྡོམ་བྱས་པའི་བློ་གཏད་ཆོག་པའི་འཕྲིན་ཐུང་གཏོང་ལེན་དང་། ཁ་པར་རྒྱག་པ། ཡིག་ཆ་དང་གསལ་ཤེལ་མཉམ་སྤྱོད་བཅས་བྱེད་ཐུབ་པ་བཟོས་ཡོད། གཞན་པའི་བདེ་འཇགས་ལྡན་པའི་འབྲེལ་མཐུད་སྟེགས་བུ་གང་གིས་ཀྱང་འཛམ་གླིང་གི་ས་ཕྱོགས་གང་སར་འདི་ལྟར་བཀག་རྒྱ་མེད་པའི་མཐུད་སྦྱོར་མཁོ་འདོན་བྱེད་མི་ཐུབ།
Wickr ནི་ཁོང་ཚོའི་སྣ་འཛོམས་སྟེགས་བུའི་ཐོག་ནས་བདེ་འཇགས་ལྡན་པའི་འཕྲིན་གཏོང་ཁོར་ཡུག་ནང་གཞི་རྟེན་བརྟན་པོ་ཡོད་པ་ཞིག་ཡིན་ལ། ཚོགས་པ་ཁག་འཛམ་གླིང་ཡོངས་ཁྱབ་ཏུ་འགྲོ་བཞིན་པ་དང་བསྟུན་ནས། འཛམ་གླིང་ཡོངས་ཀྱི་མི་རྣམས་ལ་བདེ་འཇགས་ལྡན་པའི་འབྲེལ་མཐུད་འགན་ལེན་བྱེད་སྐབས་བདེ་འཇགས་དང་དེ་བཞིན་འཛུལ་སྤྱོད་ཀྱི་དཀའ་ངལ་གཉིས་ཀ་འབྱུང་སྲིད་པ་ངོས་འཛིན་བྱས་ཡོད།

Wickr གྱིས་རང་ཉིད་ཀྱི་མཐའ་མའི་སྤྱོད་མི་ཚོ་གང་དུ་ཡོད་རུང་། རང་གི་ལས་རོགས་དང་། གྲོགས་པོའམ་ནང་མི་དང་འབྲེལ་མཐུད་བྱེད་ཐུབ་མིན་ལ་སེམས་ཁྲལ་བྱེད་མི་དགོས་པའི་ཡིད་ཆེས་བྱེད་ཀྱི་ཡོད་ལ། Psiphon གྱིས་ཀྱང་དེར་མོས་མཐུན་བྱེད་ཀྱི་ཡོད།

Psiphon གྱི་དེང་རབས་ཅན་གྱི་དྲ་རྒྱའི་གྲོས་མཐུན་རྣམས་ཁོང་ཚོའི་ཁྱད་ཆོས་གསར་པའི་ནང་མཉམ་སྒྲིལ་བྱས་པ་བརྒྱུད། Wickr གྱིས་རང་གི་མཐའ་མའི་སྤྱོད་མི་རྣམས་ལ་རང་ཉིད་ཀྱི་དྲ་ལམ་འགྲོ་འོང་འགོག་མེད་དུ་སྲུང་སྐྱོབ་བྱེད་པ་དང་ Psiphon དྲ་རྒྱའི་ཐོག་ནས་གཏོང་བའི་གོ་སྐབས་སྤྲོད་རྒྱུ་ཡིན་པས། ཁོང་ཚོ་གང་དུ་ཡོད་ཀྱང་དུས་རྟག་ཏུ་འབྲེལ་མཐུད་ཐུབ་པར་འགན་ལེན་བྱེད་ཀྱི་ཡོད།

ཁྱེད་ཀྱིས་ང་ཚོའི་མཉམ་ལས་གསར་པའི་སྐོར་ འདིར་ ཞིབ་ཕྲ་ཀློག་ཐུབ།
ཀུང་སིའི་གསར་འགྱུར།

རྗེས་མར་ཀློག་རྒྱུ།